ཨ་རིའི་རླུང་འཕྲིན་ཁང་།

10 Episodes
Subscribe

By: VOA

ཨ་རིའི་རླུང་འཕྲིན་ཁང་ནི་སྐད་ཡིག་༤༠་ལྷག་ལ་གསར་འགྱུར་དང་གནས་ཚུལ་རྒྱང་སྲིང་བྱེད་པའི་ཨ་མི་རི་ཀའི་རྒྱལ་སྤྱིའི་སྐད་ཡིག་སྣ་མང་གི་རྒྱང་སྲིང་ཁང་ཞིག་ཡིན། བདུན་ཕྲག་རེར་ཨ་རིའི་རླུང་འཕྲིན་ཁང་གིས་ཆུ་ཚོད་༡༥༠༠་ཙམ་དང་། མི་དུང་ཕྱུར་གཅིག་དང་ས་ཡ་༢༣་ཡས་མས་ཤིག་ལ་གསར་འགྱུར་དང་གནས་ཚུལ། སློབ་གསོ་དང་རིག་གཞུང་བཅས་ཀྱི་ལས་རིམ་རྒྱང་སྲིང་བྱེད་བཞིན་ཡོད། ཞིབ་ཕྲའི་གནས་ཚུལ་VOANews.com དྲ་རྒྱ་བརྒྱུད་ནས་ཤེས་པར་མཛོད།

པོར་ཅུ་གྷལ་དུ་དམངས་གཙོའི་གཞུང་ཚུགས་ནས་ལོ་ངོ་༥༠ འཁོར་བ། - སྤྱི་ཟླ་བཞི་པ། ༢༣, ༢༠༢༤
Today at 4:37 AM

སྤྱི་ཟླ་༤ པའི་ཚེས་༢༥ ཉིན་ལ་པོར་ཅུ་གྷལ་དུ་དམངས་གཙོའི་གཞུང་ཚུགས་ནས་ལོ་ངོ་༥༠ འཁོར་བའི་དུས་དྲན་ཚུགས་ཀྱི་ཡོད་པའི་སྐོར་AFP གསར་ཁང་གིས་སྤེལ་བའི་གནས་ཚུལ་ཞིག་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་གནང་གི་རེད།


༧གོང་ས་མཆོག་ནས་ཞོ་སྟོན་ལ་བཅར་མཁན་དང་བུད་མེད་ལྷན་ཚོགས་ལ་བཅར་མཁན་ཚོར་མཇལ་ཁ་གནང་བ། - སྤྱི་ཟླ་བཞི་པ། ༢༣, ༢༠༢༤
Today at 2:10 AM

༧གོང་ས་མཆོག་ལ་བོད་ཀྱི་ཞོ་སྟོན་ཐོག་བཅར་བའི་ལྷ་མོ་ཚོགས་པ་ཁག་ཅིག་དང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པའི་ཚོགས་བཅར་བ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ཟླ་ ༤ ཚེས་ ༢༢ ཉིན་བཞུགས་སྒར་རྡ་རམ་ས་ལའི་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་༧གོང་ས་མཆོག་ནས་མཇལ་ཁ་དང་བཀའ་སློབ་གནང་ཡོད་པའི་གནས་ཚུལ་ཞིག


སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༢༣, ༢༠༢༤
Today at 12:00 AM

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།


རྒྱ་གར་གློག་བརྙན་འཁྲབ་སྟོན་གྲགས་ཅན་གྱི་བརྙན་བརྗུས་མ་ཐོན་པ་དེ་འདྲ་བས་འོས་བསྡུར་ཐེ་ཇུས་འབྱུང་སྲིད་པའི་བློ་འཚབ། - སྤྱི་ཟླ་བཞི་པ། ༢༣, ༢༠༢༤
Yesterday at 10:02 PM

༄༅། །རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་གཉིས་ཀྱིས་ཆབ་སྲིད་དང་འབྲེལ་བའི་གཏམ་བཤད་བྱས་ལུགས་ཀྱི་བརྙན་ཐུང་ཞིག་མི་བཟོས་རིག་ནུས་འཕྲུལ་རིག་ཐོག་ནས་བརྙན་རྗུས་བཟོ་སྟེ་རྒྱ་ཁྱབ་བྱུང་བ་དེ་རིགས་ཀྱིས་ད་ལྟ་འགོ་འཛུགས་བྱུང་བས་འོས་བསྡུའི་ནང་ཐེ་ཇུས་འབྱུང་སྲིད་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།


ཨི་སི་རལ་གྱི་དམག་དོན་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་དགོངས་ཞུ། - སྤྱི་ཟླ་བཞི་པ། ༢༣, ༢༠༢༤
Yesterday at 9:54 PM

ཨི་སི་རལ་གྱི་དམག་དོན་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་ནས་ཟླ་ཉིང་ཕྱི་ཟླ་བཅུ་པའི་ཧཱ་མ་སིའི་དྲག་རྒོལ་ཐད་སྔོན་ཚུད་ནས་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་དེ་ནི་ལས་དོན་ཐུད་ཤོར་ཡིན་པ་ངོས་ལེན་གྱིས་ལས་ཐོག་ནས་དགོངས་ཞུ་གནང་ཡོད་པའི་སྐོར་པ་སངས་དབྱངས་ནས་སྙན་སྒྲོན་ཞུ་ཡི་རེད།


རྒྱ་ནག་གི་ཞིང་ཆེན་གཱོང་ཏུང་ནང་ཆར་པ་ཤུགས་ཆེ་བརྒྱབས་ཡོད་པ། - སྤྱི་ཟླ་བཞི་པ། ༢༣, ༢༠༢༤
Yesterday at 9:45 PM

༄༅། །རྒྱ་ནག་གི་ཞིང་ཆེན་གཱོང་ཏུང་ནང་ཆར་པ་ཤུགས་ཆེ་བརྒྱབས་ཏེ་མི་ཁྲི་ཕྲག་མང་པོ་ས་ཆ་བཙན་སར་གནས་སྤོ་བྱེད་དགོས་བྱུང་ཡོད་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་གནང་གི་རེད།


ཨ་རིའི་རོགས་རམ་གྱིས་ཨུ་རུ་སུ་དང་ཡུག་རེན་གྱི་དམག་འཐབ་ལ་ཁྱད་པ་ཇི་འདྲ་ཐེབས་སྲིད་མིན། - སྤྱི་ཟླ་བཞི་པ། ༢༣, ༢༠༢༤
Yesterday at 9:38 PM

༄༅། །ཨུ་རུ་སུས་ཡུག་རེན་ཐོག་དམག་འཐབ་བྱེད་བཞིན་པར་ཁ་གཏད་གདོང་ལེན་གཅོག་རྒྱུའི་ཆེད་དུ་ཨ་མི་རི་ཀས་ཡུག་རེན་ལ་དགོས་མཁོའི་དྲག་པོའི་རོགས་རམ་མཁོ་སྤྲོད་བྱ་རྒྱུའི་ལས་འཆར་གྱིས་དམག་འཐབ་དེར་ཁྱད་པར་ཇི་འདྲ་བཟོ་ཐུབ་མིན་གྱི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།


རྒྱ་ནག་གིས་མཚོ་ཐོག་རྩོད་རྙོག་ཐད་མཛའ་མཐུན་གྱི་གྲོས་མོལ་བྱ་རྒྱུ་བརྗོད་པ། - སྤྱི་ཟླ་བཞི་པ། ༢༣, ༢༠༢༤
Yesterday at 9:32 PM

༄༅། །རྒྱ་ནག་གིས་མཚོ་ཐོག་རྩོད་རྙོག་སེལ་རྒྱུའི་ཐད་མཛའ་མཐུན་གྱི་གྲོས་མོལ་བྱེད་འདོད་ཡོད་ལུགས་བརྗོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།


ཡུ་རོབ་ནི་འཛམ་གླིང་ཐོག་དྲོད་ཚད་འཕར་བ་མགྱོགས་ཤོས་ཀྱི་གླིང་ཆེན་དེ་ཡིན་པར་བརྗོད། - སྤྱི་ཟླ་བཞི་པ། ༢༣, ༢༠༢༤
Yesterday at 8:39 PM

ཡུ་རོབ་ནི་ད་ལྟའི་ཆར་འཛམ་གླིང་ཐོག་དྲོད་ཚད་འཕར་བ་མགྱོགས་ཤོས་ཀྱི་གླིང་ཆེན་དེ་ཡིན་པ་དང་། ༢༠༢༣ ལོ་ནི་ཡུ་རོབ་ཀྱི་ལོ་རྒྱུས་ལས་དྲོད་ཚད་མཐོ་ཤོས་སུ་སླེབས་ཤིང་། གོ་ལའི་ཁྱོན་ཡོངས་ཀྱི་ཆ་སྙོམས་ཀྱི་ཚ་དྲོད་ཡར་འཕར་བའི་ཚད་ལས་ཧ་ལམ་ལྡབ་གཉིས་ཙམ་མཐོ་ཡི་ཡོད་པའི་སྐོར་ཕུན་ཚོགས་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།


བོད་ནང་ཆོས་ཞུགས་མི་ཆོག་པའི་དཀའ་ངལ། - སྤྱི་ཟླ་བཞི་པ། ༢༣, ༢༠༢༤
Yesterday at 5:54 PM

དེ་རིང་གི་ལས་རིམ་ནང་དུ་འདི་གའི་གསར་འགོད་པ་རྡོ་རྗེ་བཀྲིས་ལགས་ལྷན་དུ་བོད་ནང་རྒྱ་ནག་གཞུང་ནས་དགོན་པ་ཁག་གི་དགེ་འདུན་པའི་གྲངས་འབོར་ལ་ཚོད་འཛིན་ཤུགས་ཆེ་བྱས་པའི་རྐྱེན་གྱིས་ཆོས་ཞུགས་མི་ཐུབ་པའི་ཉམས་མྱོང་གླེང་མོལ་ཞུ་ཡི་ཡིན།