རླུང་འཕྲིན། - ཨ་རིའི་རླུང་འཕྲིན་ཁང་།

10 Episodes
Subscribe

By: VOA

ཨ་རིའི་རླུང་འཕྲིན་ཁང་ནི་སྐད་ཡིག་༤༠་ལྷག་ལ་གསར་འགྱུར་དང་གནས་ཚུལ་རྒྱང་སྲིང་བྱེད་པའི་ཨ་མི་རི་ཀའི་རྒྱལ་སྤྱིའི་སྐད་ཡིག་སྣ་མང་གི་རྒྱང་སྲིང་ཁང་ཞིག་ཡིན། བདུན་ཕྲག་རེར་ཨ་རིའི་རླུང་འཕྲིན་ཁང་གིས་ཆུ་ཚོད་༡༥༠༠་ཙམ་དང་། མི་དུང་ཕྱུར་གཅིག་དང་ས་ཡ་༢༣་ཡས་མས་ཤིག་ལ་གསར་འགྱུར་དང་གནས་ཚུལ། སློབ་གསོ་དང་རིག་གཞུང་བཅས་ཀྱི་ལས་རིམ་རྒྱང་སྲིང་བྱེད་བཞིན་ཡོད། ཞིབ་ཕྲའི་གནས་ཚུལ་VOANews.com དྲ་རྒྱ་བརྒྱུད་ནས་ཤེས་པར་མཛོད།

བོད་ནང་ཆོས་ཞུགས་མི་ཆོག་པའི་དཀའ་ངལ། - སྤྱི་ཟླ་བཞི་པ། ༢༣, ༢༠༢༤
Yesterday at 5:54 PM

དེ་རིང་གི་ལས་རིམ་ནང་དུ་འདི་གའི་གསར་འགོད་པ་རྡོ་རྗེ་བཀྲིས་ལགས་ལྷན་དུ་བོད་ནང་རྒྱ་ནག་གཞུང་ནས་དགོན་པ་ཁག་གི་དགེ་འདུན་པའི་གྲངས་འབོར་ལ་ཚོད་འཛིན་ཤུགས་ཆེ་བྱས་པའི་རྐྱེན་གྱིས་ཆོས་ཞུགས་མི་ཐུབ་པའི་ཉམས་མྱོང་གླེང་མོལ་ཞུ་ཡི་ཡིན།


པོ་ཊི་ལེན་དུ་སྭི་ཤེས་ཡོན་གྱི་ཟབ་སྦྱོང་མཇུག་བསྒྲིལ་བ། - སྤྱི་ཟླ་བཞི་པ། ༢༣, ༢༠༢༤
Yesterday at 4:47 PM

ཨ་མི་རི་ཀའི་ནུབ་བྱང་ཁུལ་གྱི་བོད་པའི་གཟའ་མཇུག་སློག་གྲྭའི་དགེ་རྒན་དང་སློབ་ཕྲུག་གི་ཕ་མ་བཅས་ལ་ཟླ་བ་འདིའི་ཟླ་དཀྱིལ་ལ་པོ་ཊི་ལེན་དུ་སྭི་ཤེས་ཡོན་གྱི་ཟབ་སྦྱོང་ཉིན་གསུམ་གནང་བ་དེ་མཇུག་བསྒྲིལ་ཟིན་པ་ལྟར་ ཟབ་སྦྱོང་ཇི་འདྲ་བྱུང་ཡོད་མེད་ཐད་གོ་བསྒྲིགས་གནང་མཁན་ཁག་ཅིག་ལབཅར་འདྲི་ཞུས་པ་ཞིག་གསན་གྱི་རེད།


དགོང་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༢༢, ༢༠༢༤
Yesterday at 2:00 PM

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད། དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།


སྔ་དྲོའི་རླུང་འཕྲིན། - སྤྱི་ཟླ་བཞི་པ། ༢༢, ༢༠༢༤
Yesterday at 12:00 AM

ཉིན་ལྟར་ཐོན་བཞིན་པའི་བོད་དང་ཨ་རིའི་གསར་འགྱུར་ཁག་དང་། འཛམ་གླིང་གསར་འགྱུར་ཁག་རྒྱང་སྲིང་ཞུས་པ་ཕུད།  དེ་མིན་དམིགས་བསལ་ལེ་ཚན་ཁག་ཅིག་རྒྱང་སྲིང་ཞུ་བཞིན་ཡོད།


ཨ་རིའི་ནང་ལྷོ་དང་དབུས་ཨེ་ཤི་ཡ་ནས་ཕྱི་མི་ཡོང་མཁན་མང་དུ་འགྲོ་ཡི་ཡོད་པ། - སྤྱི་ཟླ་བཞི་པ། ༢༢, ༢༠༢༤
Last Sunday at 10:15 PM

༄༅། །འདས་པའི་ལོ་བཅུ་ཕྲག་གཅིག་གི་ནང་ལྷོ་དང་དབུས་ཨེ་ཤི་ཡའི་ཁུལ་ནས་ཕྱི་མི་ཨ་མི་རི་ཀའི་ནང་ཡོང་མཁན་མང་པོ་བྱུང་ཡོད་པ་མ་ཟད་ད་དུང་མང་དུ་འགྲོ་ཡི་ཡོད་པ་བཅས་ཀྱི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།


ཐའེ་ཝན་གྱི་རྒྱལ་སྲུང་གི་གྲོས་གཞིར་ཨ་རིའི་གྲོས་ཚོགས་ནས་རྒྱབ་སྐྱོར་ཐོབ་པར་ཐའེ་ཝན་གྱིས་དགའ་བསུ་ཞུས་ཡོད་པ། - སྤྱི་ཟླ་བཞི་པ། ༢༢, ༢༠༢༤
Last Sunday at 10:10 PM

ཨ་རིའི་གྲོས་ཚོགས་འོག་མ་ནས་ཐའེ་ཝན་དང་དེ་མིན་རྒྱལ་ཁབ་གཞན་གཉིས་ཀྱི་རྒྱལ་སྲུང་གི་གྲོས་གཞིར་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པར་ཐའེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་དགའ་བསུ་དང་སྦྲགས་ཐུགས་རྗེ་ཆེ་གསུངས་ཡོད་པའི་སྐོར་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།


ཨར་འཇན་ཌི་ནས་དྲག་འཐབ་གནམ་གྲུ་ཉོ་བསྒྲུབ་ཀྱི་ཐག་གཅོད་ལས་རྒྱ་ནག་གི་བྱ་སྤྱོད་དལ་དུ་བཏང་བ། - སྤྱི་ཟླ་བཞི་པ། ༢༢, ༢༠༢༤
Last Sunday at 10:01 PM

ལྷོ་ཨ་རིའི་རྒྱལ་ཁབ་ཨར་འཇན་ཌི་ན་ཡིས་ཨ་རིས་བཟོས་པའི་དམག་འཐབ་གནམ་གྲུ་ཉོ་བསྒྲུབ་དང་ཡུལ་དེའི་ནང་ཨ་རིའི་མཚོ་དམག་བརྟེན་གཞི་ཞིག་གསར་འཛུགས་བྱ་རྒྱུའི་ཐག་ཆོད་བྱས་པ་དེས་ཁུལ་དེའི་ནང་རྒྱ་ནག་གིས་ཤུགས་རྐྱེན་ཇེ་ཆེར་གཏོང་ཐབས་ལ་དོ་འཕོག་འབྱུང་བའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད


ཐའེ་ཝན་གྱི་རྒྱལ་སྲུང་གི་གྲོས་གཞིར་ཨ་རིའི་གྲོས་ཚོགས་ནས་རྒྱབ་སྐྱོར་ཐོབ་པར་ཐའེ་ཝན་གྱིས་དགའ་བསུ་ཞུས་ཡོད་པ། - སྤྱི་ཟླ་བཞི་པ། ༢༢, ༢༠༢༤
Last Sunday at 9:45 PM

ཨ་རིའི་གྲོས་ཚོགས་འོག་མ་ནས་ཐའེ་ཝན་དང་དེ་མིན་རྒྱལ་ཁབ་གཞན་གཉིས་ཀྱི་རྒྱལ་སྲུང་གི་གྲོས་གཞིར་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པར་ཐའེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་དགའ་བསུ་དང་སྦྲགས་ཐུགས་རྗེ་ཆེ་གསུངས་ཡོད་པའི་སྐོར་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།


ཡུཀེ་རན་ལ་ཨ་རིའི་རོགས་རམ་སྤྲོད་འགྱུར་མོས་མཐུན་བྱུང་བ། - སྤྱི་ཟླ་བཞི་པ། ༢༢, ༢༠༢༤
Last Sunday at 9:38 PM

༄༅། །ཡུཀེ་རན་ལ་ཨ་རིའི་རོགས་རམ་སྤྲོད་འགྱུར་གྲོས་ཚོགས་ཀྱི་ཚོགས་གཙོས་ཐོག་མར་དགག་པ་བརྒྱབས་ཡོད་ཀྱང་རྗེས་སུ་ལངས་ཕྱོགས་ལ་འགྱུར་བ་བཏང་ནས་རོགས་རམ་སྤྲོད་འགྱུར་མོས་མཐུན་གནང་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།


ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཡུག་རེན་དང་། ཨིཛ་རཱ་ཡེལ། ཐེ་ཝེན་བཅས་ལ་སྲུང་སྐྱོབ་ཀྱི་རོགས་རམ་གནང་བ། - སྤྱི་ཟླ་བཞི་པ། ༢༢, ༢༠༢༤
Last Sunday at 9:32 PM

ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཡུག་རེན་དང་། །ཨིཛ་རཱ་ཡེལ། །ཐེ་ཝེན་བཅས་ལ་སྲུང་སྐྱོབ་ཀྱི་རོགས་རམ་ཌོ་ལར་ཐེར་འབུམ་༩༥གནང་རྒྱུའི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་བ་ནུབ་ཕྱོགས་ཡུལ་ཁག་གི་དབུ་འཁྲིད་ཚོས་དགའ་བསུ་ཞུས་ཀྱང་ཨུ་རུ་སུས་དེར་སྐྱོན་བརྗོད་བྱས་ཡོད་པའི་སྐོར་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་གནང་གི་རེད།